སློབ་མར་དྲི་བ་འདོན་པ་དང་ལས་བྱ་བ་བཀོད་སྒྲིག་བྱེད་པ་ནི་སློབ་ཁྲིད་ཁྲོད་མེད་ དུ་མི་རུང་བའི་ལྷུ་ལག་གལ་ཆེན་ཞིག་ཡིན་པས།འདིར་སློབ་ཆུང་གི་སློབ་མ་རྣམས་ལ་ སློབ་ཁྲིད་སྐབས་སུ་དྲི་བ་ཇི་ལྟར་འདོན་པ་དང་བྱས་བྱ་ཇི་ལྟར་བཀོད་སྒྲིག་བྱེད་ ཚུལ་ཐད་ལ་རང་གི་ལྟ་ཚུལ་འགའ་ཙམ་བརྗོད་པར་བྱ་སྟེ།དང་པོ།དྲི་བ་སྔོན་དུ་བཏོན་ རྗེས་སློབ་མ་འབོད་དགོས།ང་ཚོའི་དགེ་རྒན་མང་ཆེ་བས་སྔོན་ལ་སློབ་མ་བོས་ཏེ་རྗེས་ སུ་དྲི་བ་བཏོན་གྱིན་ཡོད།དེ་ལྟར་བྱས་སློབ་གྲོགས་གཞན་རྣམས་ཀྱིས་རང་ལ་འབྲེལ་བ་ གཏན་ནས་མེད་སྙམ་སྟེ་བསམ་བློ་མི་གཏོང་བ་དང་བློ་རིག་སྒྲིམ་མི་སྲིད།དེའི་ཕྱིར་ དགེ་རྒན་རྣམས་ཀྱིས་ངེས་པར་དུ་འདྲི་གཞི་སྔོན་ལ་བཏོན་ཏེ།དུས་ཚོད་ཐུང་ཐུང་ཞིག་ གི་ནང་སློབ་མ་ཡོངས་ལ་བསམ་བློ་ཅུང་གཏོང་དུ་བཅུག་རྗེས།སློབ་མ་གཅིག་བདམས་ནས་ ལན་བཏབ་ན་སློབ་གྲོགས་ཡོངས་ཀྱི་བློ་རིག་དེ་སློབ་ཁྲིད་ཀྱི་སྔ་གཞུག་བར་གསུམ་ ཀུན་ཏུ་རྒྱ་ཡན་དུ་མི་ཤོར་བར་ དམ་དུ་བཟུང་ཐུབ།སློབ་ཁྲིད་ལས་བྱུང་བའི་གཙོ་གནད་དང་དཀའ་གནད་ཀྱང་བློར་འཇགས་ ཐུབ་བོ།གཉིས་པ།དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་འཛིན་གྲྭའི་སློབ་མ་རེ་རེས་ལན་ འདེབས་ཐུབ་དགོས།གལ་ཏེ་ཁྲིད་གཞིའི་སློབ་ཚན་གསར་བ་དེར་ནང་དོན་མང་ན་ང་ཚོས་ སློབ་ཐུན་གྱི་དུས་ཚོད་དམ་འཛིན་བྱེད་དགོས་སྟབས།དགེ་རྒན་གྱིས་འཛིན་གྲྭའི་ སློབ་མ་ཡོངས་ལ་གནད་འགའ་གཙོ་བོའི་འདྲི་གཞི་ཁ་ཤས་ཤིག་བཏོན་རྗེས་ཚང་མའི་ཤོག་ བུའི་སྟེང་དུ་ལན་འབྲི་རུ་འཇུག་དགོས།དགེ་རྒན་གྱིས་དུས་ཐོག་ཏུ་སློབ་མའི་བྲིས་ ལན་དག་བཅོས་བྱས་ན་སློབ་མ་ཚང་མའི་རང་ཉིད་ཀྱི་འདྲི་ལན་འགྲིག་མིན་དང་སྦྱངས་ འབྲས་རྟོགས་ཐུབ་པ་མ་ཟད།ཁོ་ཚོར་རྒྱུགས་ཆུང་ཞིག་བླངས་པའི་བསམ་བློ་སྐྱེ་ནས་ དུས་རྒྱུན་དུ་མཐོང་ཆེན་བྱེད་པར་ཡང་ཕན་ཐོགས་ཡོད་པར་མ་ཟད།དགེ་རྒན་རང་ཉིད་ ཀྱིས་ཀྱང་སློབ་ཁྲིད་ལ་འབྲས་བུ་ཡོད་མེད་རྒྱུས་ལོན་བྱེད་ཐུབ། གསུམ་པ།ལས་བྱ་བཀོད་སྒྲིག་འོས་འཚམས་ཡིན་དགོས།སྤྱིར་བཏང་དུ་ལས་བྱ་རིགས་གཉིས་ ཡོད་དེ་སློབ་ཁང་དུ་བསྒྲུབ་པའི་ལས་བྱ་དང་ཁྱིམ་དུ་བསྒྲུབ་པའི་ལས་བྱ་གཉིས་སོ། སློབ་ཁང་དུ་བསྒྲུབ་པའི་ལས་བྱ་ཅུང་དཀའ་ཆོག་སྟེ།རྒྱུ་མཚན་ནི་སློབ་མའི་གོ་དཀའ་ བའི་གཙོ་གནད་རྣམས་དུས་ཐོག་ཏུ་དགེ་རྒན་ལ་དྲིས་ནས་དཀའ་གནད་དཀྲོལ་ཆོག་པ་དང་། ཁྱིམ་གྱི་ལས་བྱ་མང་ཆེ་ཡིད་ཐང་ཆད་པ་དང་དཀའ་དྲགས་ན་སློབ་མས་རང་རྐྱང་བསྒྲུབ་ དགོས་པས་སློབ་མ་མང་ཆེ་བའི་དགེ་རྒན་གྱི་བཀོད་སྒྲིག་ལྟར་དུས་ཐོག་ཏུ་མི་འབྲི་ བར་མ་ཟད།ཐ་ན་གཞན་གྱི་ལས་བྱ་བཤུས་འབྲི་བྱེད་པའི་གོམས་འདྲིས་ངན་པ་ཆགས་སྲིད་ ཀྱིརེད།དེར་བརྟེན་དགེ་རྒན་གྱིས་ལས་བྱ་བཀོད་སྒྲིག་བྱེད་སྐབས་གནས་ཚུལ་དེར་ ཡིད་འཇོག་བྱས་ཏེ་ལས་བྱའི་མང་ཉུང་དང་དཀའ་སླ་འོས་ཤིང་འཚམ་པ་ཡིན་དགོས།

< < མཚོ་སྔོན་སློབ་གསོ > > 1998ལོའི་དུས་དེབ་གསུམ་ལས་བདམས།

 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )
སློབ་ཆུང་སློབ་མར་དྲི་བ་དང་ལས་བྱ་བཀོད་སྒྲིག་སྐོར་རགས་ཙམ་གླེང་བ།
དགེ་རྩེ་ཆོས་ཉིད།